Get real, active and permanent YouTube subscribers
Get Free YouTube Subscribers, Views and Likes

༈ སྨེ་བ་བརྩེགས་པའི་སྒྲུབ་མཆོད། Bhurkumkuta Sadhana | Swift Return Prayers | Thrangu Rinpoche | 2024

Follow
Thrangu Media

༄༅། །དེ་རིང་སྤྱི་ལོ་༢༠༢༤ ཟླ་༥ ཚེས་༩ ས་ག་ཟླ་བའི་ཚེས་གཅིག་ནས་དབུ་བཟུང་སྟེ། གནས་མཆོག་སྟག་མོ་ལུས་སྦྱིན་བཀྲ་ཤིས་ཡང་རྩེ་དགོན་དུ། རང་ཅག་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ངེས་པ་དོན་གྱི་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་རིན་པོ་ཆེ་མཆོག་གིས། ༧ཞི་བར་གཤེགས་པ་སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་སྐུའི་ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་གྱི་སླད་སྨེ་བ་བརྩེགས་པ་དང་རྡོ་རྗེ་གྲོ་ལོད་སྒོ་ནས་རྐྱེན་བཟློག་རིམ་གྲོ་གསུངས་དགོས་པའི་བཀའ་སློབ་ལམ་སྟོན་སྩོལ་བ་བཞིན་དུ། དེ་རིང་སྔ་དྲོར་གཟིམས་བྱུང་ནས་སྐྱབས་རྗེ་རིན་པོ་ཆེའི་འདྲ་སྐུ་མཐོང་གྲོལ་ཆེན་མོ་སྤོས་རྒྱ་དར་དཀར་པོས་གཙུག་ལག་ཁང་གི་སེང་ཁྲིར་སྤྱན་དྲངས་ནས་མཁན་བླ་སྤྲུལ་ཀྱིས་མཇལ་དར་འབུལ་གྲུབ་སྟེ། རྗེ་དབོན་ཆོས་རྗེ་བླ་མ་རིན་པོ་ཆེ་དང་། མཆོག་སྤྲུལ་དམ་ཆོས་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དུ་དབུ་བཞུགས་ཐོག་རང་དགོན་གྱི་མཁན་བླ་རྡོར་སློབ་དབུ་མཆོད་རྣམས་དང་། ཕྱི་རྒྱལ་ཆོས་ཚོགས་ཁག་གི་བླ་མ་དང་མཁན་པོ་རྣམ་པ། དགེ་འདུན་བཙུན་པ་བཙུན་མ། དད་ལྡན་སྐྱ་སེར་བཅས་ཞལ་གྲངས་དྲུག་བརྒྱ་ལྔ་བཅུ་ལྷག་ལྷན་འཛོམས་ཀྱིས་གཏེར་སྟོན་ཆེན་པོ་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་གཞུང་ཁྲོ་ཆེན་སྨེ་བ་བརྩེགས་པའི་དཀྱིལ་འཁོར་ཞལ་མངོན་ཕྱེའི་སྒོ་ནས་སྒྲུབ་མཆོད་འཚོག་བཞིན་པའི་གནས་ཚུལ་དང་བརྙན་པར་བཅས་སྤྱན་འབུལ་ཞུ།

Today, on May 9th, 2024, commencing from the first day of Saga Dawa, under the guidance of Kyabgon Gyalway Gyaltsap Drung Goshir Rinpoche, we gather to perform the sadhanas of Bhurkumkuta a.k.a. Ucchusma and Dorje Drolo for the swift return of the incarnation of the Very Venerable Kyabje Khenchen Thrangu Rinpoche.
This morning at Thrangu Tashi Yangtse Monastery in Namo Buddha, the statue of V.V. Thrangu Rinpoche was invited from Rinpoche’s residence to the main shrine hall, where monastics made khata offerings. The Venerable Choje Lama Rinpoche and the Venerable Tulku Damcho Rinpoche led a gathering of more than 650 attendees, comprising khenpos, lamas, resident lamas from overseas dharma centers, monastics, and lay practitioners, in the practice of the Bhurkumkuta sadhana, written by the great tertön Orgyen Dechen Lingpa.

今日5月9日是薩嘎達瓦月的第一天創古札西仰澤寺僧團遵照尊貴的國師嘉察仁波切的指示為了尊貴的堪千創古仁波切的迅速轉世舉行「穢跡金剛」與「忿怒蓮師」法會。
今早堪千創古仁波切的塑像從仁波切的行宮被盛大迎請至大殿由堪布、喇嘛、祖古與僧眾們敬獻哈達。尊貴的確戒喇嘛旺秋與尊貴的唐確祖古帶領超過650位僧俗四眾其中包括本寺的堪布、喇嘛、創古寺海外中心的常住喇嘛、僧眾及具信居士修持大伏藏師鄔金德千林巴所著的「穢跡金剛」儀軌。

Website: https://www.rinpoche.com​
Facebook: www.facebook.com/thrangumedia​
Soundcloud: www.soundcloud.com/thrangumedia

#ThranguMedia​ #ThranguRinpoche #Parinirvana #thranguguruyoga #swiftreturnprayer #namobuddha #thrangufamily

posted by privodilinv