YouTube magic that brings views, likes and suibscribers
Get Free YouTube Subscribers, Views and Likes

Maha Bodhi Temple/Dorjeden/Bodhgaya Bihar. 2020

Follow
tenzin jamphel

Come, let’s visit the Holy Vajrasana (Bodhgaya)!
This short video is primarily dedicated to those Buddhist devotees and others who cannot make a pilgrimage to Vajrasana (Diamond Seat [of Enlightenment], known today as Bodhgaya). This is the place where the Gautama Shakyamuni attained Great Enlightenment and, therefore, became one of the most sacred Buddhist pilgrimage sites connected with his life and legacy. The Gautama attained full awakening on the full moon day of the fourth lunar month (Buddha Purnima as it is called these days in India) under the bodhitree more than two and a half millennia back.

I hope this short video of Vajrasana (Bodhgaya) creates a positive impression in the minds of the audience, which would result in their own enlightenment in time. As such this following essential teaching of the Buddha is chosen for everyone's benefit:

Commit not any evil,
Cultivate a wealth of virtues,
Discipline your mind,
This is the teaching of the Buddha.

Thank you for watching. Please share it with love and compassion to benefit of others.

With my salutation to you all!

Tenzin Jampel
A Buddhist monk.
[email protected]

Date: January , 2020

༄༅། །གནས་མཆོག་རྡོ་རྗེ་གདན་གནས་མཇལ་དུ་ཕེབས་ཤོག
དེ་ཡང་གནས་མཆོག་རྡོ་རྗེ་གདན་ནམ་ཡོངས་གྲགས་སུ་བོདྷ་ག་ཡ་ཞེས་གྲགས་པའི་གནས་མཆོག་འདིར་མིི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཡར་སྔོན་བྱང་ཆུབ་ཤིང་དྲུང་དུ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཐབས་མཁས་ཐུགས་རྗེ་ཅན་དེ་ཉིད་ཐུན་མོང་སྣང་ངོར་ མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་དང་འབྲེལ་བའི་ནང་པའི་གནས་རྩ་བ་ཆེ་ཤོས་ཞིག་ཡིན་པའི། འཛམ་གླིང་ཡུལ་ལུང་སྣ་ཚོགས་ ནས་ལས་བཟང་གི་མཐུ་སྨིན་པའི་ཕྱི་ནང་སྐྱེ་བོ་དུ་མ་ཆད་མེད་དུ་འདུ་བའི་གནས་མཆོག་དེར་ཕྱི་ནང་རྐྱེན་དབང་གིས་གནས་བསྐོར་དུ་བསྐྱོད་མ་ ཐུབ་པའི་དད་ལྡན་སྐྱེ་བོ་ཕོ་མོ་དག་ལ་ཅུང་ཟད་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ། ད་ལམ་སྒྲ་ལྡན་བརྙན་ཐུང་བཟོ་སྐྲུན་གྱི་འབད་པ་ཅུང་ ཟད་བགྱིས་པ་འདིས་ཁོང་ཚོའི་སེམས་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་སྐྲུན་ཏེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་རེག་པའི་སྨོན་འདུན་གྱིས་དགེ་བ་ཅི་བསགས་རྣམས་ཀུན་ཏུ་དགེ་བའི་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་དང་བཅས་སྟོན་པ་གསུང་གི་སྙིང་པོ་འདི་འགོད་པ་ལགས།
སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་གསུམ་ཚོགས་པ་སྤྱད།།
རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན།།

བརྙན་ཐུང་འདི་གཟིགས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སེམས་བཟང་ཐོག་ནས་གཞན་ལ་བརྒྱུད་སྤེལ་གནང་འཚལ། གུས་དགེ་སློང་བསྟན་འཛིན་འཇམ་དཔལ་ནས་གུས་བཏུད་བཅས། ཕྱི་ལོ་༢༠༢༠ ཕྱི་ཟླ་༠༡ ཚེས་ ཉིན་དགེ་བར་སྤེལ།

posted by twinkles676jl